Contents
རྒྱལ་ཡོངས་དངོས་མཐོང་ཡོངས་འབྲེལ།
༡༽ གཞལམ་སྒང་བདེ་ཆེན་ཡངས་རྩེ་གྲྭ་ཚང་གི་དངོས་མཐོང་དང་པ་ རྫོང་ཚུ་གྱི་སྤར་བཏོན་ནི་
༢༽ གྲྭ་ཚང་བླ་སློབ་ སྐུ་སྤར་ཚུ་
༣༽ གྲྭ་ཚང་གི་གནས་བཏང་སྐོར་ ལྷ་ཁང་ཚུ་གྱི་སྤར་རིས་དང་ལཱ་འབད་མི་ཚུ་གྱི་སྤར་བཙུག་ནི།
༤༽ གྲྭ་ཚང་གི་དབྱེ་བ་ ཏ་ལི་བཤད་གྲྭ་དང་ ཕུ་མི་ཐང་དགོན་འཛིན་གྲྭ་ཚང་ པཱན་སྦང་ཡན་ལག་གྲྭ་ཚང་ སྒོ་ཞིང་བཀྲིས་ལྗོངས་ཚུ་གྱི་སྐོར་སྤར་བཙུགས་ནི།
༥༽ གྲྭ་ཚང་ནང་གི་ཉིན་ལྟར་རེའུ་མིག སྔ་དྲོ་ལས་འགོ་བཟུང་སྒྲིག་གཞི་ཚུ་གཤམ་གསལ་ལྟར།
༡༽ སྔ་དྲོ་ཚོུད་༤དངཕྱེད་ལ་སྐུ་དྲུང་གིས་བཞེངས་བརྡ་ཕུལ་ནི།
༢༽ སྔ་དྲོ་ཚོུད༥ལ་རྣམ་འཇོམས་དང་ཆུ་གཏོར་གནང་བར་ཚོགས་རྒྱུ།
༣༽ སྔ་དྲོ་ཚོུད༦དང་ཕྱེད་ལས་༩བར་དཔེ་ཆ་བློར་འཛིན་དང་རྒྱུགས་ཕུལ་ནི།
༤༽ སྔ་དྲོ་ཚོུད་༩ལས་༡༠བར་གསོལཝ་བཞེས་ནི།
༥༽ སྔ་དྲོ་ཚོུད༡༠ལས་༡༢བར་དུང་རྒྱ་གླིང་གཏོར་བཞེངས་སོགས་གར་ཐིག་དབྱངས་གསུམ་དང་ཡི་གེ་ཚུ་ལྷབ་ སྦྱངས་འབད་ནི།
༦༽ ཉི་མ་ཚོུད༡༢ལས་༡བར་ཁམས་གསང་།
༧༽ ཉི་མ་ཚོུད༡ལས་༢བར་གཏོར་བསྔོ་གནང་ནི་དང་འབྲེལ་གསོལ་ཇ་བཞེས་ནི།
༨༽ ཉི་མ་ཚོུད༢ལས་༤བར་དབྱིན་སྐད་སློབ་སྦྱོང་འབད་ནི།
༩༽ ཚོུད་༤ལས་༥བར་ཕྱི་རུའི་ཚོགས་བཞེས་ནི།
༡༠༽ ཕྱི་རུ་ཚོུད་༥ལས་༦བར་དཔེ་ཆ་བློར་འཛིན་འབད་ནི།
༡༡༽ ཕྱི་རུ་ཚོུད་༦དང་སྐར་མ༡༥ལས་སྲོད་མཐུན་གནང་ནི།
༡༢༽ ཕྱི་རུ་ཚོུད་༧དངཕྱེད་ལས་༩བར་དཔེ་ཆ་བློར་འཛིན་འབད་ནི།
༡༢༽ ཕྱི་རུ་ཚོུད་༩ལས་སངས་རྒྱས་ཀུན་ལ་གནང་ནས་གཟིམ་བརྡ་བཏང་སྟེ་རྟེན་ལ་མགོ་བསྟན་ནས་ དགེ་ཚུལ་ཀཱ་རི་ཀ་ལྔ་བཅུ་པ་ལས།
ལྡང་དང་སྣང་བའི་འདུ་ཤེས་ཀྱིས། །སེངྒེ་ཉལ་ཐབས་བཞིན་དུ་བྱ། །ཞེས་པ་དང་། རྒྱལ་སྲས་ཞི་བ་ལྷས། མགོན་པོ་མྱ་ངན་འདས་གཟིམ་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཞེས་གསུངས་པ་ལྟར།དཀོན་མཆོག་གསུམ་ཡིད་ལ་དྲན་པ་དང་བཅས་སང་མྱུར་དུ་ལྡང་བར་བྱའོ་སྙམ་པ་ལྡང་བའི་འདུ་ཤེས་ཡིད་ལ་བྱས་ནས། སེངྒེའི་ཉལ་ཐབས་བཞིན་དང་། མགོན་པོ་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པ་ཇི་བཞིན་ལོགས་གཡས་པ་འོག་དང་། ལོགས་གཡོན་པ་ལྟག་ལ་བསྟན་ཅིང་། ལག་པ་གཡས་འགྲམ་པའི་འོག་ཏུ་བརྐྱང་སྟེ་སྲིན་ལག་གིས་འདོད་ཆགས་ཀྱི་རྟོག་པ་བཀག་པའི་ཐབས་སུ། སྣ་དོང་གཡས་པ་བསུབ་ཅིང་ ལག་གཡོན་པ་དཔྱི་འགོ་གཡོན་པ་ནས་བརྐྱང་འཕོང་ཁར་བཀབ་ཏེ་གཉིད་བདེ་བའི་ངང་གཟིམ་རྒྱུ།
༦༽ ཟླ་རིམ་དུས་མཆོད་འབུམ་སྡེའི་སྐོར་
ཟླཝ་དང་པའི་ནང་རྒྱལ་ཁབ་ཀྱི་བསྟན་པ་སྤྱིའི་སྐུ་རིམ་རྒྱལ་བའི་བཀའ་འགྱུར་ཉིམ་༧ལྷག་ནི་ལས་འགོ་བཟུང་ ཟླ་རིམ་བཞིན་ཉིམ་༣ཉིམ་ལྔ་ཉིམ་༧ཉིམ་༡༠༽སྦེ་ཟླཝ་༡༢པ་ཚུན་གནང་ནི་ཡོདཔ་ཨིན། དེ་ཚུ་མ་རྩིས་བར་ ཚེས་གྲངས་དང་འཁྲིལ་དུས་རྒྱུན་གྱི་གསུང་ཆོག་ཚུ་ཡང་ ཚེས་བརྒྱད་ལ་སྒྲོལ་ཆོག ཚེས་༡༠ལ་ཡར་ངོའི་ཚེས་བཅུ་དགོངས་འདུས། བཅུ་བཞི་མགོནམ། བཅོ་བརྒྱད་ལྷམ། ཉེར་གསུམ་ལྷམ། ཉེར་ལྔ་དྲག་དམར། ཉེར་དགུ་མགོནམ་སྐུལ་དང་བཅས། གནམ་གང་སྤྱན་རས་གཟིགས་དང་ གནས་ཁང་ནང་གནསཔོ་རྒྱ་ཚར་བཅས་ཟླཝ་གཅིག་ལུ་གནང་དགོསཔ་ཚུ་ཨིན།
༧༽ ཆོས་དང་ལམ་སྲོལ།
སྔར་སྲོལ་གྱི་ཆོས་དང་གར་འཆམ་ཟ་བཅའ་གྲོ་གསུམ་དང་སྒྲིག་ལམ་ཆོས་གསུམ་གྱི་ལམ་ལུགས་ཚུ་ལུ་གོ་ནི་ཨིན། དེ་ཡང་ང་བཅས་རའི་རྒྱལ་ཁབ་འདི་ ནང་པ་སངས་རྒྱས་པའི་ཆོས་དར་བའི་རྒྱལ་ཁབ་ཅིག་ཨིནམ་མ་ཚད་ རང་ ལུགས་སྔར་སྲོལ་བཟང་པོ་ཆོས་དང་མཐུན་པའི་སྲོལ་བཟང་པོ་བཙུགས་ཡོད་མི་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ཐབས་ལུ་ རྫོང་ཁག་ནང་ཆོས་དང་ལམ་སྲོལ་སྡེ་ཚན་ཅིག་གཞི་བཙུགས་འབད་དེ་ཡོདཔ་ ཨིན་ རྫོང་ཁག་ནང་འཁོད་ལུ་རང་ལུགས་སྔར་སྲོལ་བཟང་པོའི་ལམ་ལུགས་ཚུ་ཉམས་མ་བཅུག་པར་རྒྱུན་སྐྱོང་ འཐབ་ནིའི་དོན་ལུ་ དངོས་ཅན་གྱི་ལམ་སྲོལ་དང་ དངོས་མེད་ཀྱི་ལམ་སྲོལ་ཟེར་གཉིས་སུ་དབྱེ་སྟེ་ཡོདཔ་ཨིན། དངོས་ཅན་གྱི་ལམ་སྲོལ་ནི་ རྫོང་གཞི་ ལྷ་ཁང་ དགོན་སྡེ་ གནས་ཁང་ མཆོད་བརྟེན་མ་འདྲཝ་ཚུ་དང་ མ་ ཎི་དུང་འཁོར་ ཆུ་འཁོར་མ་ཎི་ཚུ་ཚུདཔ་ཨིན། དངོས་མེད་ལམ་སྲོལ་ནི་ འཆམ་དང་གླུ་གཞས་གཞུང་སྒྲ་དང་བོད་ སྒྲ་ གཡུས་ཁའི་ཞབས་ཁྲ་ཚུ་དང་ གཞན་ཡང་གཙང་མོ་ སྲུང་ བློ་ཟེ་ལ་སོགས་པ་ཚུ་ཚུདཔ་ཨིན། སྤྱིར་བཏང་ མི་སྡེ་ནང་ལུ་སྒྲིག་ལམ་རྣམ་གཞག་གི་ཁྱད་ཆོད་མཐུན་མོང་མ་ཡིན་པའི་སྲོལ་བཟང་པོ་ཚུ་ མི་ཉམས་པར་སྒྲིང་སྒྲིང་ སྦེ་གཞི་བཙུགས་འབད་དེ་ཡོདཔ་ཨིན། དེ་མ་ཚད་ རྫོང་ཁག་ནང་འཁོད་ལྷ་ཁང་མགོན་ཁང་ཚུ་ནང་ ནང་རྟེན་རྩ་ཆེ་ ཏོག་ཏོ་ཡོད་མི་ཚུ་ བྱུང་བ་བཞི་དང་ཨར་རྐུན་ལ་སོགས་པའི་རྐྱེན་ངན་ཚུ་ལས་སྲུང་སྐྱོབ་འབད་ཐབས་དང་གསར་ བཞེངས་དང་ཉམས་བཅོས་ཀྱི་འཆར་གཞི་གོང་འཕེལ་གྱི་ལས་རིམ་བརྩམས་ནི། དེ་ལས་དུས་མཆོད་འབུམ་སྡེ་དང་ ཚེས་བཅུའི་འཆམ་དང་གླུ་གཞས་ སྔར་སྲོལ་བཟང་པོའི་ལམ་དང་ལུགས་སྲོལ་ཚུ་ཉམས་མ་བཅུག་པར་རྒྱུན་སྐྱོང་ འབད་དོ་ཡོདཔ་ཨིན། གཞན་ཡང་རྫོང་ཁག་ནང་སྨོན་ལམ་ཆེན་མོ་ བཛྲ་གུ་རུ་དུང་སྒྲུབ་ དུས་དང་དུས་སུ་མི་ སྡེ་ནང་སྐུ་རིམ་བསྒྲུབ་ནི་ཚུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། ལྷག་པར་དུ་མི་དབང་འབྲུག་རྒྱལ་བཞི་པའི་ཐུགས་ ཀྱི་དགོངས་གཏེར་ལས་འཁྲུངས་པའི་ཀ་ཆེན་བཞིའི་ཡ་གྱལ་ཆོས་དང་ལམ་སྲོལ་འདི་གཙོ་རིམ་ཅན་ཅིག་ཨིནམ་མ་ཚད་ འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲིད་དམ་པ་སྐྱབས༌རྗེ༌ཁྲི༌རབས༌༧༠༽པས༌ འཛམ་གླིང་ཡོངས་དང་ ལྷག་པར་དུ་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ཞི་བདེ་དང་དགའ་སྐྱིད་འབྱུང་ཐབས་ལུ་དགོངས་ཏེ་ རྒྱལ་ རབས་ནང་ཚུད་པའི་སྨོན་ལམ་ཆེན་མོ་ རྫོང༌ཁག༌ཉི༌ཤུ༌ནང་གཞི་བཙུགས་མཛད་གནང་ཡི། དེ་ལུ་བརྟེན་ ལམ༌སྲོལ༌བཟང༌པོ༌རྒྱུན༌མ༌ཉམས༌པའི༌ཕྱིར༌དུ༌ དྲོ༌པ༌བསུ༌བ༌གསེར༌སྦྲེང༌ མར༌ཆང༌ཕུད༌གཏོར༌ནི༌ སྐྱབས༌འགྲོ༌ མ༌ནམ༌བཞི༌སྐོར༌ལུ༌ཕྱག༌འཚལ༌འདི་མཇུག༌བཀྲིས༌ཕབ༌ནི༌ཚུན༌འཛམ༌གླིང༌གཞན༌ག༌དང༌ཡང༌མ༌འདྲ༌བའི༌ཁྱད༌ ཆོས༌མཐུན༌མོང༌མ༌ཡིན༌པ༌ཆ་ཚང་ཅིག༌སྐྱབས༌རྗེ༌རིོེའིཐུགས༌ཀྱི༌དགོངས༌གཏེར༌ཨིནམ༌ལས་ ང༌བཅས༌འབྲུག༌ པའི༌བུཚ༌དང༌བུམ༌ཚུ༌ཆུང༌ཀུ༌ཅིག༌ལས༌ གོ༌གྱོན༌ དཀྱི་ར༌དཀྱིས་ རགས་ཅུང༌བཀབ༌ནི༌ཚུ༌ངམ༌ངམ༌ཤུག༌ གིས༌འབདཝ༌མ༌ཟད༌ ཇ༌དང༌བསྔོ༌བའི༌སྐབས༌ལུ༌སྔར༌སྲོལ༌དང༌མཐུནམ༌སྦེ༌ བང༌ག༌ཀྲིང༌ཀྲིང༌རྡུང༌ནི༌ དུང༌ཆེན༌ དང༌རྒྱ༌གླིང༌འཕུ༌ནི་ མཆོད༌པའི༌གླུ༌དབྱངས༌ཕུལ༌ནི་ ཉི་མ་གཞེངས་ཤིག་པདྨའི་གར་འཆམ་རྐྱབ་ནི་ ཆོས་བཤད་ དང་འབྲེལ་བའི་གསལ༌བཤད༌འབད༌མི༌ཚུ༌བཙུགས༌འདི༌གོ༌བ༌བརྡ༌སྤྲོད༌ཀྱི༌གོ༌ལས༌ སྨོན་ལམ་ཆེན་མོ་ལུ་འབྲེལ་ གཏོགས་འབད་མི་ཚུ་གྱི་རྒྱུད༌དམ༌པའི༌ཆོས༌ཀྱིས༌སྨིན༌པར༌མཛད༌དེ་ཡོདཔ་ཨིན།
ཚེས་བཅུའི་གར་འཆམ་དང་དུས་སྟོན་སྐོར།
རྫོང་ཁག་ནང་འཁོད་ཀྱི་ཚེས་བཅུ་གཙོ་བོ་གཞལ་སྒང་བདེ་ཆེན་ཡངས་རྩེ་གྲྭ་ཚང་གི་ཚེས་བཅུ་ཟླཝ་གཉིས་པའི་ནང་། ཕུ་མི་ཐང་དགོན་འཛིན་གྲྭ་ཚང་གི་ཚེས་བཅུ་ཟླཝ་བཅུ་པའི་ནང་། པཱན་སྦང་བསོད་ནམས་ཐང་ཡན་ལག་གྲྭ་ཚང་གི་ ཚེས་བཅུ་ཟླཝ་དགུ་པའི་ནང་གནང་དོ་ཡོདཔ་ཨིན།
ཁེངས་ལུང་པའི་གཡུས་སྒོ་སོ་སོའི་དུས་སྟོན་ཚུ་ཡང་སོ་སོ་སྦེ་ཡོདཔ་ཨིན་རུང་ རང་ཟླ༡༠་པའི་ནང་ལུ་རྩི་སྲུང་ཞུ་སྲོལ་ཡོདཔ་ཨིན།